小话 · TIBET | 古人类中的那些“冠军” གནའ་བོའི་མིའི་ཁྲོད་ཀྱི“ཨང་དང་པོ”དེ་དག

小话 · T|知识点

   大家好,我是西热,先看看这个小视频,扫扫干货吧。

ཤེས་རབ།

来认识一下 “图迈”

非洲中北部常年炎热,更何况是在夏季的沙漠里。

2001年7月19日凌晨,法国普瓦蒂埃大学古生物学教授米歇尔·贝鲁内带领的考古队一行人,因为实在是热得睡不着,决定到沙丘上去吹吹风,凉快凉快,看看月亮,聊聊天,吹吹牛。

这一年,是他们在乍得沙漠考古的第8个年头。

在沙漠里,风经常会把深埋在沙漠里的有的没的东西都掀出来。

恰好在这时,他们看见不远处的沙丘上出现了些奇怪的“石头”,在月光的照耀下,惨白的像枯骨,但是又些许发暗、发黑。

虽然有点阴森,又有点害怕,但是毕竟是干考古的,职业精神使哥儿几个鼓足了勇气上前去一探究竟……

当他们发现那是一堆化石时,沙漠夜空回荡着他们的喊叫声。

虽然其实是一种表达快乐的欢呼,但在这样一个环境里,加上疲劳和惊魂未定,喊出嗓子眼儿的声音,听上去更像是惨叫〜

整整8年艰辛的乍得沙漠考古,此时此刻注定是有意义的。

经过辨认,那是一些鱼、龟、蜥蜴以及蛇的化石,最重要的是其中还有一块类人头盖骨、三颗牙齿以及两块颌骨化石。

在接下来的几个月,贝鲁内教授经过与其他世界上已经发现的古人类化石进行比对和研究,确认了头盖骨、三颗牙齿和两块颌骨化石属于同一个700万年前的古人类,并把这位正式命名为“萨赫勒乍得人”。

而它的另外一个别名在此后被古人类学家和历史学家所熟悉,它叫做“图迈”,被认为是世界上迄今已知最早的古人类。

700万年前,“图迈”自己也一定想不到,有一天他会被奉为“世界冠军”!

“图迈”:乍得戈兰语,意为“生活的希望”。

在乍得沙漠的8年,“图迈”就是这只考古队当时一个未知的希望!

“ཐུའུ་མའེ”དང་ངོ་ཤེས་གཏོང་བར་འགྲོ།

ཨ་ཧྥེ་རི་ཁའི་དབུས་རྒྱུད་དང་བྱང་རྒྱུད་དུ་རྒྱུན་དུ་ཚ་བ་ཆེ་ཞིང་། དབྱར་དུས་ཀྱི་བྱེ་ཐང་ཁྲོད་དེ་བས་ཚ་བ་ཆེ།

2001ལོའི་ཟླ་7ཚེས་19ཉིན་གྱི་ཐོ་རེངས་སྐབས་ཧྥ་རན་སིའི་ཕུའུ་ཝ་ཏི་ཨའེ་སློབ་ཆེན་གྱི་གནའ་བོའི་སྐྱེ་དངོས་རིག་པའི་དགེ་རྒན་ཆེ་མོ་བ་སྨི་ཀོ·པེ་ལུའུ་ནེ་ཡིས་སྣེ་ཁྲིད་བྱས་པའི་གནའ་རྫས་རྟོག་ཞིབ་རུ་ཁག་དང་བཅས་པས་གནམ་གཤིས་ཚ་བ་ཆེ་བའི་རྐྱེན་གྱིས་གཉིད་རྩ་བ་ནས་མ་ཁུག་པས་བྱེ་སྒང་དུ་བསྐྱོད་དེ་འཆམ་འཆམ་དང་ཚ་བ་གཡོལ་བ། ཟླ་བར་ལྟ་བ། ཁ་བརྡ་བྱེད་པ་བཅས་བྱ་རྒྱུ་ཐག་བཅད།

ལོ་དེ་ནི་ཁོ་ཚོས་ཆ་ཏེ་བྱེ་ཐང་དུ་གནའ་རྫས་རྟོག་ཞིབ་བྱེད་པའི་ལོ་8པ་དེ་ཡིན།

བྱེ་ཐང་དུ་རླུང་གིས་རྒྱུན་དུ་བྱེ་མའི་གཏིང་དུ་གནས་པའི་དངོས་རྫས་དག་ཕྱིར་མངོན་ཡོང་།

སྐབས་དེར། ཁོང་ཚོས་ཐག་མི་རིང་བའི་བྱེ་སྒང་ཐོག“རྡོ”ཡ་མཚན་འགའ་མངོན་པ་མཐོང་བ་དང་། ཟླ་འོད་འོག་ཏུ་རུས་སྐམ་ལྟ་བུའི་དཀར་མདོག་ཞིག་སྣང་། འོན་ཀྱང་སྐབས་སྐབས་སུ་ནག་མདོག་ཞིག་ཏུ་ཡང་མངོན།

མ་གཞི་མུན་ནག་ཁྲོད་འཇིགས་སྣང་ཏོག་ཙམ་སྐྱེས་མོད།

འོན་ཀྱང་གནའ་རྫས་དཔྱད་ཞིབ་བྱེད་པའི་ལས་རིགས་སྙིང་སྟོབས་ཀྱིས་ཁོང་ཚོར་ཡང་སྙིང་ཅི་ཞིག་ཡིན་མིན་ར་སྤྲོད་བྱེད་པར་སྐྱོད་པའི་སྤོབས་པ་སྦྱིན།

ཁོང་ཚོས་དེ་དག་འགྱུར་རྡོ་ཡིན་པ་ཤེས་དུས་བྱེ་ཐང་གི་མཚན་མོའི་མཁའ་དབྱིངས་སུ་ཁོང་ཚོའི་འབོད་སྒྲས་ཁེངས།

མ་གཞི་དེ་ནི་སྤྲོ་སྣང་མཚོན་པའི་དགའ་འབོད་ཞིག་ཡིན་མོད།

འོན་ཀྱང་ཁོར་ཡུག་འདི་འདྲ་ཞིག་གི་ཁྲོད་དུ་ངལ་དུབ་དང་འཇིགས་པས་མནར་བས་སྐད་གདངས་མཐོ་བའི་སྒྲ་དེ་ནི་སྐད་ངན་ཤོར་བ་ཞིག་དང་གཉིས་སུ་མ་མཆིས།

དུས་ཡུན་ལོ་8ཏག་ཏག་རིང་གི་དཀའ་ཚེགས་ཆེ་བའི་ཆ་ཏེ་བྱེ་ཐང་གི་གནའ་རྫས་རྟོག་ཞིབ་ལས་དོན་ནི་སྐབས་དེར་དོན་སྙིང་ལྡན་པ་ཞིག་ཡིན་པ་ཐག་གིས་ཆོད།

དབྱེ་འབྱེད་ངོས་འཛིན་བྱས་པ་བརྒྱུད་འགྱུར་རྡོ་དེ་དག་ནི་ཉ་དང་། རུས་སྦལ། རྩངས་པ། སྦྲུལ་བཅས་ཀྱི་འགྱུར་རྡོ་ཡིན་པ་དང་། གལ་ཆེ་ཤོས་ནི་དེའི་ཁྲོད་ད་དུང་མིའི་ཀ་ལི་དང་སོ་གསུམ། མགལ་རུས་གཉིས་བཅས་ཀྱི་འགྱུར་རྡོ་ཡོད་པ་དེ་རེད།

རྗེས་ཀྱི་ཟླ་ཤས་ནང་དགེ་རྒན་ཆེ་མོ་བ་པེ་ལུའུ་ནེ་ཡིས་འཛམ་གླིང་ཐོག་ཤེས་རྟོགས་བྱུང་བའི་གནའ་བོའི་མིའི་རིགས་ཀྱི་འགྱུར་རྡོ་དང་གོ་བསྡུར་ཞིབ་འཇུག་བྱས་པ་བརྒྱུད་ཀ་ལི་དང་སོ་གསུམ།

མགལ་རུས་གཉིས་བཅས་ཀྱི་འགྱུར་རྡོ་ནི་ལོ་ཁྲི་700གོང་གི་གནའ་བོའི་མིའི་ཁོངས་སུ་གཏོགས་པ་དང།

མ་ཟད་དེར་དངོས་སུ“ས་ཧོ་ལེའི་ཆ་ཏེའི་མི”ཞེས་མིང་བཏགས་ཡོད།

དེའི་མིང་གཞན་ཞིག་ནི་ཕྱིས་སུ་གནའ་བོའི་མིའི་རིགས་རིག་པ་མཁས་ཅན་དང་ལོ་རྒྱུས་རིག་པ་མཁས་ཅན་གྱིས་རྒྱུས་མངའ་ཡོད་ཅིང“ཐུའུ་མའེ”ཞེས་བརྗོད་པ་དང་།

འཛམ་གླིང་ཐོག་ད་ལྟའི་བར་ཤེས་རྟོགས་བྱུང་བའི་གནའ་བོའི་མིའི་རིགས་སྔ་ཤོས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

ལོ་ཁྲི་700ཡི་གོང་དུ“ཐུའུ་མའེ”རང་ཉིད་ཀྱིས་ཀྱང་ཉིན་ཞིག་ཁོང་ནི“འཛམ་གླིང་གི་ཨང་དང་པོ”ཡིན་པ་བསམ་ཡུལ་ལས་འདས་ཡོད།

“ཐུའུ་མའེ”ཞེས་པ་ནི་ཆ་ཏེའི་ཀེ་ལན་སྐད་ཡིན་པ་དང“འཚོ་བའི་རེ་བ”ཞེས་པའི་དོན་བསྟན་གྱི་ཡོད།

གནའ་རྫས་རྟོག་ཞིབ་རུ་ཁག་ཆ་ཏེ་བྱེ་ཐང་དུ་ལོ་8ལས་དོན་སྤེལ་རིང“ཐུའུ་མའེ”ནི་ཁོ་ཚོའི་སྐབས་དེ་དུས་ཀྱི་མ་འོངས་པའི་རེ་བར་གྱུར་ཡོད།

有争议的“骏马”

从事地质工作,需要勤奋。

可能很多人并不知道,达叔大学的第一个专业就是地质专业——物理探矿,也叫应用地球物理学。

当我拿到大学入学通知书、看到专业叫“应用地球物理”这几个字时,感觉生无可恋。

我也是用过地质锤、唱过《地质队员之歌》的人。

不行,扯远了,先回来!

勤奋,有如钱方、浦余庆等几位地质工作者,1965年的5月1日(国际劳动节),他们用辛勤的劳动庆祝这个节日,仍然奋斗在地质科考一线——云南省元谋县上那蚌村。

元谋县,先秦时期属于古滇国。

其地貌景观有著名的元谋虎跳滩土林。没听说过?

提到一部电影,有些人就会想起来——张艺谋导演的《千里走单骑》。这里后来发展成为大型影视基地。

元谋县,也是云南省重要蔬菜种产地。

就在钱方等地质学者前辈们在这里进行化石勘查时,经过一个上午的努力基本没有特别的发现。

当时间指向下午5点,终于发现了云南马(也称滇马)的化石。

最重要的是,就在同一个土包下,发现了两颗人类的门齿化石,并被带回了北京。

1973年10月,中国科学院古脊椎动物和古人类研究所在这里组织了大规模的发掘,发现了打制石器、炭屑以及其他哺乳动物化石。

1976年7月25日,用古地磁法测定其绝对地质年代为距今170万年左右。

元谋人,旧石器时代早期直立人,中国境内最早的古人类。

也就是说元谋人,就是中国迄今发现的最早的古人类,目前仍稳持“冠军”头衔。

大部分国际教材、通俗读物和百科工具书,都持此说。

虽然后来,在学界对这个测定产生了争议,认为元谋人应该晚于蓝田人(最早距今约115万年前)。

虽然,后来还出现了 “巫山人”(最早距今约204万年前)。

在我们这里,暂持元谋人“冠军”说。

元谋,傣族语,意为骏马。

རྩོད་གཞི་ཡོད་པའི“རྟ་མཆོག”

ས་གཤིས་ཀྱི་ལས་དོན་སྒྲུབ་པར་བརྩོན་འགྲུས་ལྡན་དགོས།

ཕལ་ཆེར་མི་མང་པོ་ཞིག་གིས་ཨ་ཁུ་ཟླ་བ་ངའི་སློབ་ཆེན་གྱི་ཆེད་ལས་དང་པོ་ནི་ས་གཤིས་ཆེད་ལས་ཀྱི་དངོས་ལུགས་གཏེར་འཚོལ་ཡིན་པ་ཤེས་ཀྱི་མེད། ཆེད་ལས་དེར་ཉེར་སྤྱོད་སའི་གོ་ལའི་དངོས་ལུགས་རིག་པ་ཡང་ཟེར།

ངར་སློབ་ཆེན་གྱི་སློབ་ཞུགས་བརྡ་ཐོ་འབྱོར་བ་དང་ཆེད་ལས་ལ“ཉེར་སྤྱོད་སའི་གོ་ལའི་དངོས་ལུགས”ཞེས་པའི་ཡིག་འབྲུ་བྲིས་ཡོད་པ་མཐོང་སྐབས་ཞེན་ཆགས་ཆེན་པོ་སྐྱེས་བྱུང་།

ང་ནི་དེ་སྔོན་ས་གཤིས་ཀྱི་ཐོ་བ་སྤྱོད་མྱོང་ལ《ས་གཤིས་རུ་མིའི་གླུ་དབྱངས》ཞེས་པའི་གཞས་ཀྱང་ལེན་མྱོང་བའི་མི་ཞིག་ཡིན།

བྱུང་མ་སོང་། ཆོ་མེད་བཤད་སོང་། ནང་དོན་དངོས་ཤོད་ཀྱི་ཡིན།

ལས་ལ་བརྩོན་པ་ཟེར་ན་ཆན་ཧྥང་དང་ཕུའུ་ཡུས་ཆིང་སོགས་ས་གཤིས་ལས་དོན་པ་འགའ་ཞིག་ལྟ་བུ་དགོས་ཤིང་། 1965ལོའི་ཟླ་5ཚེས་1ཉིན(རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན)ཁོང་ཚོས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དུས་ཆེན་དེར་རྟེན་འབྲེལ་ཞུས་པ་དང་། སྔར་བཞིན་ས་གཤིས་ཚན་རིག་རྟོག་ཞིབ་ཀྱི་འཐབ་ས་དང་པོ་སྟེ་ཡུན་ནན་ཞིང་ཆེན་ཡོན་མོའུ་རྫོང་ན་པེང་གྲོང་ཚོར་འབད་འཐབ་བྱས་ཡོད།

ཡོན་མོའུ་རྫོང་ནི་ཆིན་རྒྱལ་རབས་མ་བཙུགས་གོང་གི་གནའ་དུས་ཡུན་ནན་གྱི་རྒྱལ་ཕྲན་ཁོངས་སུ་གཏོགས།

དེའི་ས་དབྱིབས་ཀྱི་ཡུལ་ལྗོངས་ཐད་སྙན་གྲགས་ཆེ་བའི་ཡོན་མོའུ་ཐང་སྟེང་སྟག་མཆོང་བྲུ་རོང་ཡོད། ཁྱེད་ཀྱིས་གོ་མྱོང་མེད་དམ།

གློག་བརྙན་ཞིག་གི་སྐོར་བརྗོད་ཚེ་མི་ལ་ལས་དྲན་སྲིད།

ཀྲང་དབྱི་མོའུ་ཡིས་འཁྲབ་ཁྲིད་བྱས་པའི《ལེ་དབར་སྟོང་གི་རྐྱང་བགྲོད》ཅེས་པ་དེ་རེད།

ཕྱིས་སུ་ས་དེ་གློག་བརྙན་བརྙན་འཕྲིན་རྟེན་གཞི་ཆེ་གྲས་སུ་འཕེལ་རྒྱས་ཕྱིན་ཡོད།

ཡོན་མོའུ་རྫོང་ནི་ཡུན་ནན་ཞིང་ཆེན་གྱི་སྔོ་ཚལ་ཐོན་ཁུལ་གལ་ཆེན་ཞིག་ཀྱང་ཡིན།

ཆན་ཧྥང་སོགས་ས་གཤིས་རིག་པ་བ་རྒན་རབས་རྣམས་ཀྱིས་ས་དེར་འགྱུར་རྡོ་རྩད་ཞིབ་བྱེད་སྐབས།

སྔ་དྲོའི་རིང་འབད་བརྩོན་བྱས་པ་བརྒྱུད་སྤྱིར་བཏང་ཆ་ནས་དམིགས་བསལ་གྱི་གསར་རྙེད་གང་ཡང་མ་བྱུང་།

ཕྱི་དྲོའི་ཆུ་ཚོད་5པ་ཟིན་སྐབས་གཞི་ནས་ཡུན་ནན་གྱི་རྟའི(ཏེན་རྟའང་ཟེར)འགྱུར་རྡོ་རྙེད་ཡོད།

གལ་ཆེ་ཤོས་ནི་ས་ཐུམ་དེའི་འོག་ནས་མིའི་རིགས་ཀྱི་མདུན་སོའི་འགྱུར་རྡོ་གཉིས་རྙེད་ཡོད་ཅིང་། མ་ཟད་པེ་ཅིན་དུ་ཕྱིར་འཁྱེར་ཡོད།

1973ལོའི་ཟླ་10པར། ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཀྱི་ཞིབ་འཇུག་ཁང་ནས་ས་དེར་གཞི་རྒྱ་ཆེ་བའི་སྔོག་འདོན་སྒྲིག་འཛུགས་བྱས་པ་དང་། རྡོ་ཆས་དང་སོལ་བ། དེ་བཞིན་དེ་མིན་འོ་འཐུང་སྲོག་ཆགས་ཀྱི་འགྱུར་རྡོ་བཅས་རྙེད་ཡོད།

1976ལོའི་ཟླ་7ཚེས་25ཉིན། གནའ་བོའི་སའི་ཁབ་ལེན་ཐབས་ཀྱིས་དེ་གའི་བལྟོས་མེད་ཀྱི་ས་གཤིས་ལོ་རབས་ཚད་འཇལ་བྱས་པར་ད་ལྟའི་བར་ལོ་ཁྲི་170ཡས་མས་ཕྱིན་ཡོད།

ཡོན་མོའུ་མི་ནི་རྡོ་ཆས་རྙིང་པའི་སྐབས་ཀྱི་སྔ་དུས་ཀེར་ཀེར་མི་ཡིན་པ་དང་ཀྲུང་གོའི་ནང་ཁོངས་ཀྱི་གནའ་བོའི་མི་སྔ་ཤོས་ཡིན།

ཡང་གཅིག་བཤད་ན་ཡོན་མོའུ་མི་ནི་ད་བར་ཀྲུང་གོར་ཤེས་རྟོགས་བྱུང་བའི་གནའ་བོའི་མིའི་རིགས་སྔ་ཤོས་ཡིན་པ་དང་།

མིག་སྔར་སྔར་བཞིན“ཨང་དང་པོའི”གོ་གནས་བརྟན་པོར་བཟུང་ཡོད།

རྒྱལ་སྤྱིའི་སློབ་གཞི་དང་གོ་བདེའི་ཀློག་དེབ།

རིག་གནས་ཀུན་བཏུས་ཀྱི་ཚིག་མཛོད་བཅས་མང་ཆེ་བའི་ནང་དེ་ལྟར་འཁོད་ཡོད།

མ་གཞི་ཕྱིས་སུ་རིག་གཞུང་ལས་རིགས་ཁྲོད་དུ་དེར་རྩོད་གླེང་བྱུང་ཡོད་དེ། ཡོན་མོའུ་མི་ནི་ལན་ཐེན་མི(སྔ་ཤོས་ལ་ད་བར་ཧ་ལམ་ལོ་ཁྲི་115ཙམ་གྱི་གོང)ལས་འཕྱི་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང།

ཐ་ན་ཕྱིས་སུ་ད་དུང“ཝུའུ་ཧྲན་མི”(སྔ་ཤོས་ལ་ད་བར་ཧ་ལམ་ལོ་ཁྲི་204ཙམ་གྱི་གོང)ཐོན་ཡོད།

འདིར་ང་ཚོས་གནས་སྐབས་ཡོན་མོའུ་མི“ཨང་དང་པོ”འཛིན་པའི་ལྟ་བ་བཟུང་ཡོད།

ཡོན་མོའུ་ནི་ཏའེ་རིགས་ཀྱི་སྐད་ཡིན་པ་དང་རྟ་མཆོག་གི་ནང་དོན་བསྟན་ཡོད།

“世界最高峰”脚下的古人类遗存

说起世界海拔最高的山峰,无疑非珠穆朗玛峰莫属。也因为这一点,每年前往的游人络绎不绝。

西藏日喀则市定日县,一个平均海拔达到5000米的地方一时间声名远播。

当人们在加乌拉山口远眺那几座海拔超过8000米的山峰时、在绒布寺旅馆里辗转难眠时、在驻足欣赏震撼壮美的风光时,很多人都会选择忘记因为高原反应带来的身体不适……

当然,更鲜为人知的是:在离定日县县府所在地协格尔镇南10公里、苏热山南坡一处古人类遗存——苏热遗址。

海拔这么高,身体这么难受的地方,居然在5万年前就有古人类生存!?

即便不被饿死、冻死,也会高原反应死吧?

是的,没错!

不过,这里确实被载入西藏古人类研究史册。

我们需要知道:在最近1万年,整个青藏高原海拔上升了200—300米,平均气温降了5—6摄氏度,年降水量少了100—200毫米。

这也意味着如果生活在1万年前的青藏高原,应该远比眼下舒适一些:气候温暖、雨量充沛、植被繁茂、动物遍野的宜人世界。

1966年中国科学院西藏综合考察队在此发现石制品40件,原料主要为片麻岩。其中有石器15件,内有刮削器13件,尖状器2件。

属旧石器中晚期,距今已有5万年历史。

让我们记住这个珠穆朗玛峰脚下、迄今为止发现的西藏最早的古人类遗存(2018年发现的那曲申扎县境内的尼阿底遗址,被确定距今3-4万年)。

“འཛམ་གླིང་གི་རི་བོ་མཐོ་ཤོས”འདབས་ཀྱི་གནའ་བོའི་མིའི་ཤུལ་བཞག

འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རི་བོའི་སྐོར་གླེང་སྐབས་ཇོ་མོ་གླང་མ་ནི་མཐོ་ཤོས་ཡིན་པ་སྨོས་མེད་རེད། རྒྱུ་མཚན་དེའི་དབང་གིས་ལོ་ལྟར་ཡུལ་སྐོར་དུ་ཡོང་མཁན་བར་མཚམས་མེད།

ཆ་སྙོམས་ས་བབ་སྨི་5000ཟིན་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དེ་ཉིད་སྐབས་ཤིག་རིང་སྐད་གྲགས་ཆོད་ཡོད།

མི་རྣམས་ཀྱིས་རྒྱའུ་ལའི་སྟེང་ནས་ས་བབ་མཐོ་ཚད་སྨི་8000ལས་བརྒལ་བའི་རི་བོ་དག་ལ་རྒྱང་ལྟ་བྱེད་པའི་སྐབས་དང་།

རོང་པོ་དགོན་གྱི་མགྲོན་ཁང་ནང་གཉིད་མི་ཁུག་པའི་སྐབས། གོམ་པ་སྤོ་མཚམས་བཞག་ནས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མིག་གིས་ལོངས་སུ་སྤྱོད་སྐབས་མི་མང་པོ་ཞིག་གིས་ལ་དུག་ཕོག་པའི་རྐྱེན་གྱིས་གཟུགས་པོ་མི་བདེ་བའི་སྣང་བ་ཡོངས་སུ་བརྗེད་ཀྱི་ཡོད།

ཨ་ཅང་ཅང་།

མི་རྣམས་ཀྱིས་དེ་ཙམ་རྒྱུས་མངའ་མེད་པ་ནི་དིང་རི་རྫོང་སྲིད་གཞུང་གནས་ཡུལ་གྱི་ཤེལ་དཀར་གྲོང་རྡལ་དང་བར་ཐག་སྤྱི་ལེ་10ཡོད་པའི་སྲུབ་ར་རི་བོའི་ལྷོ་ངོས་ཀྱི་གནའ་བོའི་མིའི་རིགས་ཀྱི་ཤུལ་བཞག་ཡིན་པའི་སྲུབ་ར་གནའ་ཤུལ་རེད།

ས་བབ་ཧ་ཅང་མཐོ་ལ་ལུས་པོ་ཇི་འདྲའི་མི་བདེ་བའི་ས་ཆ་དེར་ལོ་ཁྲི་5ཡི་གོང་ནས་གནའ་བོའི་མིའི་རིགས་འཚོ་གནས་བྱེད་ཀྱི་ཡོད་པ་ཀུན་གྱི་བསམ་ཡུལ་ལས་འདས་ཡོད།

ལྟོགས་ཤི་དང་འཁྱགས་ཤི་མི་ཐེབས་རུང་ལ་དུག་གིས་གསོན་པོར་སྡོད་ཐུབ་བམ།

རེད། དེ་ལྟར་རང་རེད།

འོན་ཀྱང་ས་དེ་བོད་ཀྱི་གནའ་བོའི་མིའི་རིགས་ཞིབ་འཇུག་གི་ལོ་རྒྱུས་དེབ་ཐེར་ནང་བཅུག་ཡོད།

ང་ཚོས་ཤེས་དགོས་རྒྱུར། ཉེ་བའི་ལོ་ཁྲི་1ནང་མཚོ་བོད་ས་མཐོ་ཧྲིལ་པོའི་ས་བབ་སྨི་200ནས་300བར་མཐོ་རུ་ཕྱིན་པ་དང་ཆ་སྙོམས་གནམ་གཤིས་དྲོད་ཚད་ཧྲེ་ཧྲིའི་5ནས་6བར་ཆག་པ།

ལོར་ཆར་ཆུ་འབབ་ཚད་ཧའོ་སྨི་100ནས་200བར་ཉུང་དུ་ཕྱིན་ཡོད་པ་དེ་རེད།

དེའི་ཐོག་ནས་གལ་སྲིད་ལོ་ཁྲི་1གོང་གི་མཚོ་བོད་ས་མཐོར་འཚོ་བ་བསྐྱལ་ཡོད་ཚེ་ཕལ་ཆེར་ད་ལྟ་ལས་སྐྱིད་སྣང་དོད་པ་མཚོན་ཐུབ་ཅིང་། གནམ་གཤིས་དྲོ་བ་དང་ཆར་ཆུ་འབེལ་བ། གང་སར་རྩྭ་རྩི་ཤིང་དང་སྲོག་ཆགས་ཀྱིས་ཁེངས་པ་བཅས་ཀྱི་ཡིད་དབང་འཕྲོག་པའི་གནས་ཤིག་ཡིན།

1966ལོར་ཀྲུང་གོ་ཚན་རིག་ཁང་བོད་ལྗོངས་ཕྱོགས་བསྡུས་རྟོག་ཞིབ་རུ་ཁག་གིས་སྲུབ་ར་གནའ་ཤུལ་ནས་རྡོ་བཟོས་དངོས་རྫས་40རྙེད་པ་དང་རྒྱུ་ཆ་གཙོ་བོ་བྲག་རྡོ་ལེབ་མོ་ཡིན།

དེའི་ཁྲོད་རྡོ་ཆས་15ཡོད་ཅིང་གཞོག་བྱེད་ལག་ཆ་13དང་འབིགས་བྱེད་ལག་ཆ་2ཡོད་པ་རྡོ་ཆས་རྙིང་པའི་དུས་སྨད་ཀྱི་ཁོངས་སུ་གཏོགས་པ་དང་། ད་བར་ལོ་ཁྲི་5ཙམ་གྱི་ལོ་རྒྱུས་ལྡན་ཡོད།

ང་ཚོས་ཇོ་མོ་གླང་མའི་འདབས་སུ་ད་བར་ཤེས་རྟོགས་བྱུང་བའི་བོད་ཀྱི་གནའ་བོའི་མིའི་རིགས་ཀྱི་ཤུལ་བཞག་སྔ་ཤོས(2018ལོར་ཤེས་རྟོགས་བྱུང་བའི་ནག་ཆུ་ཤན་རྩ་རྫོང་ཁོངས་ཀྱི་གཉའ་མོ་མཐིལ་གནའ་ཤུལ་ནི་ད་བར་ལོ་ཁྲི་3ནས་4བར་ཕྱིན་ཡོད་པ་གཏན་འཁེལ་བྱས་ཡོད)འདི་ཉིད་སེམས་ལ་འཇོག་དགོས།

同学们来学习一个藏语敬语呗:

ཞེ་སའི་སློབ་ཁང་། ལག་ཐོགས་འཕྲིན་ལམ།

敬 / 语/ 课

文明用语|敬语先行

文字|达叔

绘画|才吉大人

གནའ་བོའི་མིའི་ཁྲོད་ཀྱི“ཨང་དང་པོ”དེ་དག

ལོ་ཙཱ་བ།   |  ཟླ་བ་ཚེ་རིང།

敬语播音|卓嘎

小话|不失敬畏和尊重的戏说

尊重原创,本期所涉及内容均为原创,转载请联系作者,更不得用于商业。

点击文顶“小话TIBET”,可订阅。

(0)

相关推荐